ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་གསུང་འབུམ།

      Comments Off on ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་གསུང་འབུམ།

མཛད་པ་པོ།  ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག
པོད་བརྒྱད་པ།
བརྗོད་བྱ། བླ་མ་ལམ་འཁྱེར་དང་། ནེ་གུ་ཆོས་དྲུག་གི་ཁྲིད་ཡིག་སོགས།
སྤྱིའི་དེབ་ཨང་།  00358
སྡེ་ཚན། jkg-008
མ་ཕྱི།  ཤིང་པར་དང་ལག་བྲིས་མ་སོགས་སྣ་ཚོགས།
འཕྲུལ་དེབ་བཟོ་སྐྲུན་པ།  བེ་རི་རིག་པའི་རྡོ་རྗེ།
ལོ་ཟླ་ཚེས།  ཕྱི་ལོ།  ༢༠༢༦ ཟླ་ ༢ ཚེས་ ༨ ཉིན།

པོད་བརྒྱད་པའི་ནང་དུ་བླ་མ་ལམ་དུ་འཁྱེར་བའི་ཡི་གེ  ནེ་གུ་ཆོས་དྲུག་གི་ཁྲིད་ཡིག་གསལ་བའི་སྒྲོན་མེནི་གུ་ཆོས་དྲུག་གི་དམིགས་རིམ་བསྙེལ་ཐོ། ནཻ་གུའི་རྒྱབ་ཆོས་གླུར་བླངས་བདྲན་བསྐུལ་གྱི་གཞེན་འདེབས་ཐོལ་སྐྱེས་ལས་བརྩམས་པའི་རྒྱང་གླུར་སྨྲས་པ། ཉམས་དབྱངས་གབ་པ་མངོན་ཕྱུང་། ནེ་གུའི་ཁྲིད་བཤད་ཐབས་འཆུག་མེད། དབང་དང་བྱིན་རླབས་ཕྲ་མོ་ཉེ་བརྒྱུད་ཞལ་གྱི་བདུད་རྩི། ནཻ་གུ་ཆོས་དྲུག་སྒྱུ་ལུས་དབང་གི་བཤད་པ། ཡེ་ཤེས་ཌཱ་ཀི་ནཻ་གུ་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་མངོན་དཀྱིལ། ནཻ་གུའི་བརྒྱུད་པའི་གསོལ་འདེབས་ཨེ་ཡིག་ཆོས་འབྱུང་། ནཻ་གུ་སྨྲ་བསམ་བརྗོད་མེད་ཀྱི་སྐབས་རྗེ་བཙུན་གྲོལ་མཆོག་ཞབས་ཀྱིས་མཛད་པ། ནི་གུ་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་ཕྲིན་ལས་ཡར་འཕེལ་བཅས་ཆོས་ཚན་བཅུ་གསུམ་བཞུགས།

ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེ་(༡༥༠༧-༡༥༦༦)ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས། མཁས་གྲུབ་ཀྱི་བླ་མ་དྲུག་ཅུ་ལྷག་བསྟེན་ནས། རྒྱལ་བསྟན་རིས་སུ་མ་ཆད་པར་ཐོས་བསམ་སྒོམ་པ་མཐར་ཕྱིན་མཛད་དེ། རིས་མེད་བསྟན་པའི་སྲོལ་བཟང་ཕྱེས། ཇོ་ནང་ཁྲིད་བརྒྱ་ཞེས་གྲགས་པ་བོད་ཀྱི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་གདམས་ཟབ་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་བཀའི་བསྡུ་བ་གསར་དུ་མཛད། ཇོ་ནང་ཁྲིད་བརྒྱའི་(འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་ཇོ་ནང་ཁྲིད་བརྒྱའི་རྒྱབ་ཆོས་སུ་གདམས་ངག་མཛོད་ཅེས་གྲགས་པ་པོད་ཆེན་བཅོ་བརྒྱད་ཅན་ཕྱོགས་བསྒྲིགས་མཛད།)བང་ཁྲིད་ལུང་གསུམ་གྱི་རྒྱུན་གྱིས་བོད་ཀྱི་ཆོས་བརྒྱུད་ཡོངས་རྫོགས་ཧྲིལ་གྱིས་ཁྱབ། བོད་དབུས་གཙང་གཉིས་ཀྱི་ཆེ་དགུ་ཡོངས་ཀྱིས་བླ་མར་བཀུར།

ཡེ་ཤེས་ཀྱི་མཁའ་འགྲོ་མ་ནཻ་གུ་མའི་ཞལ་གཟིགས། ཆོས་དྲུག་ཕྱག་ཆེན་ལམ་ཁྱེར་འཆི་མེད་མཁའ་སྤྱོད་དཀར་དམར་སོགས་རྫོགས་པར་ཞུས། “བདག་དང་ཡེ་ཤེས་མཁའ་འགྲོ་མའི་བར་བརྒྱུད་པ་གཞན་མི་དགོས་”གསུངས། དཔལ་ལྡན་ཤངས་པའི་ཆོས་བཀའ་ཡོངས་རྫོགས་ཀྱི་བདག་པོར་གྱུར། ཇོ་ནང་གི་གདན་ས་བ་མཛད་ནས་ཇོ་ནང་དུས་ཁྲིད་ཆེན་མོ་སོགས་ཆག་མེད་མཛད་དེ། ངེས་དོན་བསྟན་པའི་རྒྱལ་མཚན་དགུང་དུ་བསྒྲངས། མཁན་ཆེན་ལུང་རིགས་རྒྱ་མཚོ་དང་། བྲག་སྟོད་པ་ཆོས་སྐུ་ལྷ་དབང་གྲགས་པ། རྗེ་སྟག་ལུང་པ་ཆེན་པོ་སོགས་སློབ་ཆེན་མཐའ་ཡས། ཇོ་ནང་ཁྲིད་བརྒྱ་སོགས་རྨད་དུ་བྱུང་བའི་ལེགས་བཤད་པོད་ཆེན་བཅུ་ལྷག་བཞུགས།

འདི་ནས་ཕབ་ལེན་གནོངས།