མཛད་པ་པོ། ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག
པོད་དྲུག་པ།
བརྗོད་བྱ། ལམ་འབྲས་དཀའ་འགྲེལ་དང་། ནག་པོའི་གཞུང་དྲུག་གི་སྤྱི་ཆིངས་སོགས།
སྤྱིའི་དེབ་ཨང་། 00356
སྡེ་ཚན། jkg-006
མ་ཕྱི། ཤིང་པར་དང་ལག་བྲིས་མ་སོགས་སྣ་ཚོགས།
འཕྲུལ་དེབ་བཟོ་སྐྲུན་པ། བེ་རི་རིག་པའི་རྡོ་རྗེ།
ལོ་ཟླ་ཚེས། ཕྱི་ལོ། ༢༠༢༦ ཟླ་ ༢ ཚེས་ ༦ ཉིན།
པོད་དྲུག་པའི་ནང་དུ་ལམ་འབྲས་དཀའ་འགྲེལ་སྦས་དོན་གནད་ཀྱི་ལྡེ་མིག ལམ་འབྲས་བརྒྱུད་ཚུལ་ཉེར་བཞི། གཞུང་བཤད་ཨ་སེང་མའི་གནད་འགྲེལ། རང་གཞན་གྱི་ལྟ་བའི་གནས་མངོན་སུམ་དུ་སྟོན་པའི་རབ་བྱེད། གཏིང་སྐྱེས་སྡེ་པས་དྲི་བ་ཞུས་པའི་ཞུས་ལན། ལམ་འབྲས་བུ་དང་བཅས་པ་ལ་ཆེད་དུ་བསྔགས་པ། དཔལ་ཀྱཻ་རྡོ་རྗེའི་མངོན་རྟོགས་ལམ་དུས་བཞུགས། ཀྱཻ་རྡོ་རྗེའི་མངོན་རྟོགས་ཉུང་གསལ་གནད་བསྡུས། ལམ་ཟབ་ཆག་མེད་གནད་བསྡུས། བིར་བསྲུང་ཆག་མེད་གནད་བསྡུས། རྣལ་འབྱོར་མ་ཆག་མེད་བསྡུས་པ། ཀྱཻ་རྡོ་རྗེའི་རྡུལ་ཚོན་ཁ་སྐོང་མཐོང་བ་དོན་ལྡན། རིག་བྱེད་རྩེ་མོའི་བརྒྱུད་པའི་ངེས་གནས་ཡིད་ཆེས། རིག་བྱེད་མའི་ངེས་གནས་ཅུང་ཟད་སྤྲོས་པ། རིག་བྱེད་མའི་ཚེས་བརྒྱད་མཆོད་གཞུང་དངོས་སྒྲུབ་མྱུར་དུ་འགུགས་པའི་ཐབས་མཁས། བདེ་མཆོག་ནག་པོ་ལུགས་ཀྱི་ངག་འདོན། ནག་པོ་གཞུང་དྲུག་གི་སྤྱི་ཆིངས་གསལ་བྱེད་གནད་ཀྱི་སྒྲོན་མེ། བདེ་མཆོག་འཁོར་ལོ་གྷ་ཏའི་ཞལ་ཅན་གྱིས་རྫོགས་རིམ་ཞལ་ཤེས་ཀྱི་ཁྲིད། དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་རིམ་ལྔའི་ཁྲིད་པས་ཆོས་ཚན་བཅུ་དགུ་བཞུགས།
ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེ་(༡༥༠༧-༡༥༦༦)ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས། མཁས་གྲུབ་ཀྱི་བླ་མ་དྲུག་ཅུ་ལྷག་བསྟེན་ནས། རྒྱལ་བསྟན་རིས་སུ་མ་ཆད་པར་ཐོས་བསམ་སྒོམ་པ་མཐར་ཕྱིན་མཛད་དེ། རིས་མེད་བསྟན་པའི་སྲོལ་བཟང་ཕྱེས། ཇོ་ནང་ཁྲིད་བརྒྱ་ཞེས་གྲགས་པ་བོད་ཀྱི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་གདམས་ཟབ་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་བཀའི་བསྡུ་བ་གསར་དུ་མཛད། ཇོ་ནང་ཁྲིད་བརྒྱའི་(འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་ཇོ་ནང་ཁྲིད་བརྒྱའི་རྒྱབ་ཆོས་སུ་གདམས་ངག་མཛོད་ཅེས་གྲགས་པ་པོད་ཆེན་བཅོ་བརྒྱད་ཅན་ཕྱོགས་བསྒྲིགས་མཛད།)དབང་ཁྲིད་ལུང་གསུམ་གྱི་རྒྱུན་གྱིས་བོད་ཀྱི་ཆོས་བརྒྱུད་ཡོངས་རྫོགས་ཧྲིལ་གྱིས་ཁྱབ། བོད་དབུས་གཙང་གཉིས་ཀྱི་ཆེ་དགུ་ཡོངས་ཀྱིས་བླ་མར་བཀུར།
ཡེ་ཤེས་ཀྱི་མཁའ་འགྲོ་མ་ནཻ་གུ་མའི་ཞལ་གཟིགས། ཆོས་དྲུག་ཕྱག་ཆེན་ལམ་ཁྱེར་འཆི་མེད་མཁའ་སྤྱོད་དཀར་དམར་སོགས་རྫོགས་པར་ཞུས། “བདག་དང་ཡེ་ཤེས་མཁའ་འགྲོ་མའི་བར་བརྒྱུད་པ་གཞན་མི་དགོས་”གསུངས། དཔལ་ལྡན་ཤངས་པའི་ཆོས་བཀའ་ཡོངས་རྫོགས་ཀྱི་བདག་པོར་གྱུར། ཇོ་ནང་གི་གདན་ས་བ་མཛད་ནས་ཇོ་ནང་དུས་ཁྲིད་ཆེན་མོ་སོགས་ཆག་མེད་མཛད་དེ། ངེས་དོན་བསྟན་པའི་རྒྱལ་མཚན་དགུང་དུ་བསྒྲངས། མཁན་ཆེན་ལུང་རིགས་རྒྱ་མཚོ་དང་། བྲག་སྟོད་པ་ཆོས་སྐུ་ལྷ་དབང་གྲགས་པ། རྗེ་སྟག་ལུང་པ་ཆེན་པོ་སོགས་སློབ་ཆེན་མཐའ་ཡས། ཇོ་ནང་ཁྲིད་བརྒྱ་སོགས་རྨད་དུ་བྱུང་བའི་ལེགས་བཤད་པོད་ཆེན་བཅུ་ལྷག་བཞུགས།
