ཟུང་འཇུག་གསལ་སྒྲོན།
ཟུང་འཇུག་གསལ་སྒྲོན། ཡུ་མོ་མི་བསྐྱོད་རྡོ་རྗེ། གཉིས་མེད་ཡེ་ཤེས་གསལ་བ་ཞེས་བྱ་བ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།། དྲི་མ་མེད་པའི་འོད་ལས། གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ།། གང་གིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས། རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ།། གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ།། གང་གིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བས་འཁོར་བ་པ་ཡིན་ནོ།།