Category: དཔྱད་བརྗོད།

རྟག་བརྟན་གཟུངས་བསྡུས་ཀྱི་ར་མདའ།

རྩོམ་པ་པོ།  བེ་རི་རིག་པའི་རྡོ་རྗེ། ཆོས་ལུགས་དཔྱད་བརྗོད། བརྗོད་བྱ། རྟག་བརྟན་གཟུངས་བསྡུས། སྤྱིའི་དེབ་ཨང་།  00365 སྡེ་ཚན། rs-005 དཔྱད་གཞི།  སྣ་ཚོགས། འཕྲུལ་དེབ་བཟོ་སྐྲུན་པ།  བེ་རི་རིག་པའི་རྡོ་རྗེ། ལོ་ཟླ་ཚེས།  ཕྱི་ལོ།  ༢༠༢༦ ཟླ་ ༤ ཚེས་ ༡༦ ཉིན། ནང་དོན་གནད་བསྡུས། རྟག་བརྟན་གཟུངས་བསྡུས་ཀྱི་བུ་ཡིག་རྒྱ་ནག་པེ་ཅིང་ལག་བྲིས་མ་དང་། སོག་པོ། ལྷ་ས། རྒྱ་གར་བཅས་ཀྱི་བསྐྱར་དཔར་རྣམས་ཕན་ཚུན་དཔྱད་བསྡུར་བྱས་ཏེ། རྟག་བརྟན་གཟུངས་བསྡུས་ཀྱི་མགོ་ལ་གྲུབ་མཐའ་གསར་བརྗེས་ཀྱི་གོད་ཆགས་ཇི་ལྟར་ཕོག་ཚུལ་དང་། དེའི་ཁྱབ་ཚད། ཐུན་མིན་ལུང་རྒྱུན་སོགས་རགས་བཤད་བྱས་ཡོད།

ངག་དབང་བདེ་ལེགས་རབ་རྒྱས་ཀྱི་གསུང་འབུམ།

མཛད་པ་པོ།  ངག་དབང་བདེ་ལེགས་རབ་རྒྱས། ༡༩༣༦–༢༠༡༦ གསུང་འབུམ། པོད་དང་པོ། བརྗོད་བྱ། ཉེ་རབས་བོད་ཀྱི་སྐྱེས་ཆེན་ཁག་ཅིག་གི་མཛད་རྣམ། སྤྱིའི་དེབ་ཨང་།  00364 སྡེ་ཚན། Js-001 མ་ཕྱི།  དབུ་མེད་ཕྱག་བྲིས་མ། འཕྲུལ་དེབ་བཟོ་སྐྲུན་པ།  བེ་རི་རིག་པའི་རྡོ་རྗེ། ལོ་ཟླ་ཚེས།  ཕྱི་ལོ།  ༢༠༢༦ ཟླ་ ༤ ཚེས་ ༦ ཉིན།

གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།

གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ། (གནས་མཆོག་གཡུ་ལོའི་ལྷ་ཁང་སླར་ཡང་མཇལ་བ།) བེ་རི་རིག་པའི་རྡོ་རྗེ། དེ་རིང་ནི་བོད་རྒྱལ་ལོ་ ༢༡༥༢ སྣྲོན་ཟླའི་དམར་ཕྱོགས་བཟང་པོ་དང་པོ་སྟེ། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༡༣ ཡིན། སྤྱིར་བཏང་དེང་སྐབས་དྷ་རམ་ས་ལའི་ཆར་དུས་ཡིན་པས། ཉིན་མཚན་མེད་པར་ཆར་བ་འབབ་མཚམས་མི་འཇོག་པ་མ་ཟད། སྨུག་སྤྲིན་གྱིས་རི་ལུང་ཡོངས་སུ་བཏུམ་ནས་ཡོད་མོད། དེ་རིང་རྒྱུན་ལྡན་དང་ཡེ་མི་འདྲ་བར་ནམ་མཁའ་སྔོ་ལ་དངས་ཤིང་། ཞོ་གསར་སྤུངས་འདྲའི་སྨུག་སྤྲིན་འཐུག་པོ་ཞིག་རི་བོ་དྷོ་ལྷ་དྷར་གྱི་རི་རྩེ་ནས་མར་དལ་གྱིས་བབས། ཚ་དྲོད་འབར་བའི་ཉི་འོད་ནོར་བུ་གླིང་གའི་གྲོང་སྡེར་འཕྲོས་པ་དང་། བསིལ་རླུང་འཇམ་པོ་ཞིག་ཀྱང་ལྷོད་ཀྱིས་ལྡིང་། ཁ་སང་ནས་དུས་ཚོད་བཀོད་བསྒྲིགས་བྱས་པ་བཞིན། ཞོགས་པའི་དུས་ཚོད་ ༩ ཐོག་གླ་གཏོང་རླངས་འཁོར་བསླེབས་མ་ཐག་ལམ་ལ་བུད། དེ་རིང་ང་ཡུལ་སྐོར་ལ་འགྲོ་ས་ནི་རྒྱ་གར་གྱི་གནའ་ཤུལ་གྲགས་ཅན་ཞིག་ཡིན། གནའ་ཤུལ་དེར་འགྲོ་དོན་ནི། ངས་བརྩེ་བའི་ཆོས་ཀྱི་གྲོགས་པོ་རྣམ་པར་ནང་བའི་གནས་ཁྱད་པར་བ་ཞིག་ངོ་སྤྲོད་བྱེད་ཆེད་ཡིན། སྤྱིར་བཏང་གནས་འདི་མི་ལོ་ ༡༠ ཡར་སྔོན་ཞིག་ཏུ་ང་རང་དྷ་རམ་ས་ལར་ཡོང་སྐབས་ཤིག་ལ་རྙེད་པའམ་ངོས་བཟུང་བ་ཡིན།
རྩོམ་འཕྲོ་ཀློགས། »

བོད་ཀྱི་ལོ་སར་དང་ཧོར་གྱི་ལོ་སར་ནོར་མི་ཉན།

བོད་ཀྱི་ལོ་སར་དང་ཧོར་གྱི་ལོ་སར་ནོར་མི་ཉན། བེ་རི་རིག་པའི་རྡོ་རྗེ། དེ་རིང་ཁ་སང་མང་པོ་ཞིག་གིས། ཨ་མདོ་བས་རྒྱའི་ལོ་སར་བྱེད་ཀྱིན་ཡོད་རེད། ཨ་མདོའི་སྐར་རྩིས་ཡང་རྒྱ་རྩིས་རེད། བོད་རང་གི་རྩིས་རིག་ལྷ་སའི་ལུགས་རེད། ལོ་སར་ཡང་ལྷ་སའི་ལོ་ཐོ་ལྟར་བྱེད་དགོས། ཞེས་ནག་ཉེས་ཡོད་ཚད་ཨ་མདོའི་མགོ་ལ་འགེལ་རྐྱང་བྱེད་ཀྱིན་འདུག་པས། འདི་ལ་གསལ་བཤད་ཐུང་ཐུང་ཞིག་མི་བྱེད་ཐབས་མེད་བྱུང་།