བླ་མ་མཆོད་པའི་ཚོགས་ཆོག

བླ་མ་མཆོད་པའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་ཞེས་བྱ་བ།

ཏཱ་ར་ནཱ་ཐ།

༄༅།། ན་མོ་གུ་རུ། ཚོགས་ཀྱི་འཁོར་ལོའི་ཆོ་ག་བྱ་བ་ནི།ཨ་མྲིཏས་བསངས། སྭ་བྷཱ ས་སྦྱངས། སྟོང་པའི་ངང་ལས་ཚོགས་རྫས་རྣམས་ཀྱི་འོག་ཏུ་ཡཾ་ལས་རླུང༌། རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ། ཨཱ་ལས་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཞུ་བ་ལས་བྱུང་བའི་ཚོགས་རྫས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲིའཿ ལན་གསུམ།ན་མོ། ཐབས་དང་ཤེསརབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ། རང་བཞིན་རྣམ་པར་དག་ཅིང་སྐྱེ་བ་མེད་པ། མཚན་ཉིད་རྣམ་པར་དག་པ་ཨཱ་ལི་ཀཱ་ལིའི་ངོ་བོ་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་ཉིད། བྱིན་རླབས་ཀྱི་རྩ་བ་རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་པཉ་ཨ་མྲིཏ་ག་ན་ཙཀྲ་པུ་ཙ་ཁ་ཧི། ན་མོ་ཐབས་དང༌ སོགས་ནས། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ༌སོགས། འཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ༌སོགས།   དམ་ཚིག་གི་རྩ་བ་མཆེད་ལྕམ་རྡོ་རྗེའི་སྤུན་གྲོགས་རྣམས་ཀྱི་ཞལ་དུ༌སོགས། མི་འབྲལ་སྙིང་གི་གཞལ་མེད་ཁང༌།། མོས་གུས་གཞོམ་མེད་ཕོ་བྲང་དུ།། དྲིན་ཅན་རྩ་བའི་བླ་མ་མཆོག། བཀའ་དྲིན་མཉམ་མེད་དམ་པ་རྗེ།། རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་འཐིབས།། འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས།། གནས་ཁང་འདི་ལ་བྱིན་ཕོབས་ལ།། ཚོགས་རྫས་འདི་ལ་བཅུད་ཅིག་ཆུག། འདིར་འདུས་རྣལ་འབྱོར་བདག་ཅག་ལ།། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ།། སྡུག་པོའི་ཞིང་ཁམས་འཇིགས་པ་མེད།། དཔའ་བོ་དཔའ་མོ་འབུམ་སྡེའི་དཔུང༌།། འཁོར་ལོ་སྡོམ་པ་བཅོམ་ལྡན་འདས།། འདོད་ཆགས་རྡོ་རྗེ་འོད་དཔག་མེད།། རྣམ་འཕྲུལ་མཁའ་ལ༌ སོགས། མི་གཡོ་འོག་མིན་ཉམས་དགའི་ཞིང༌།། དག་པ་བདེ་སྟོང་མཁའ་སྤྱོད་གནས།། འཁོར་ལོ་སྡོམ་པའི་བདེ་བསྐྱེད་ཡུམ།།  རྡོ་རྗེ་ཕག་མོ་མཁའ་འགྲོའི་གཙོ།། རྣམ་འཕྲུལ་མཁའ་ལ༌སོགས། ས་ལ་སྤྱོད་པའི་འོག་མིན་མཆོག། ཉི་ཤུ་རྩ་བཞིའི་ཞིང་མཆོག་ནས།། སྒྲུབ་ལ་དངོས་གྲུབ་མཆོག་སྩོལ་བའི།། གནས་གསུམ་དཔའ་བོ་མཁའ་འགྲོ་ཡང༌།། རྣམ་འཕྲུལ་མཁའ་ལ༌སོགས།བདུད་ཚོགས་ཀུན་འདུལ་འཕྲིན་ལས་བཞི།། དུར་ཁྲོད་ཆེན་པོ་གནས་བརྒྱད་ནས།། བགེགས་འཇོམས་འདོད་དོན་ཀུན་སྒྲུབ་པའི།། ཆོས་སྐྱོང་སྲུང་མ་འཁོར་བཅས་ཀྱང༌།། རྣམ་འཕྲུལ་མཁའ་ལ༌སོགས།བླ་མ་ཡི་དམ་མཁའ་འགྲོའི་ཚོགས།། རིགས་ཀྱི་ཅོད་པཎ་ལྡེམས་སེ་ལྡེམ།། དར་གྱི་ཅོད་པཎ་པུ་རུ་རུ།། རྒྱན་ཆ་ནང་པོ་ཁྲོ་ལོ་ལོ།། རོལ་མོ་མང་པོ་དི་རི་རི།། གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག། འཁོར་ཚོགས་འབུམ་སྡེ་ཤ་ར་ར།། སྒྱུ་མའི་རང་སྣང་རྗེན་ནེ་ནེ།། གཏད་མེད་རིག་པ་གསལ་ལ་ལ།། བརྗོད་མེད་དབྱིངས་སུ་ཐལ་ལ་ལ།། བདེ་བ་ཆེན་པོ་ཁྲིལ་ལི་ལི།། བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ།། གནས་ཁང་འདི་ལ་བྱིན་ཕོབས་ལ།། སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ།། བགེགས་དང་ལོག་འདྲེན་བར་ཆད་སོལ།། འཁོར་གསུམ་གཉིས་སུ་མེད་པར་འདྲེས།། གུ་རུ་དེ་བ་ཌཱ་ཀི་ནིའ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ། དེ་ནས་ལས་ཀྱི་རྡོ་རྗེས། ཚོགས་ཤ་གཡས་དང༌།  ནང་མཆོད་གཡོན་དུ་ཐོགས་ཏེ། འདི་སྐད་ཅེས།ཀྱཻ། འདིར་ནི་ཆོས་རྣམས་བཟང་པོར་ལྟོས།། འདུས་པ་རྣམས་ལ་ཐེ་ཚོམ་མེད།། བྲམ་ཟེ་ཁྱི་དང་གདོལ་བ་ཕག། རང་བཞིན་གཅིག་ཏུ་དགོངས་ཏེ་རོལ།། ཨ་ཧོ་མ་ཧཱ་སུ་ཁཾ། བདེ་གཤེགས་ཆོས་ལ་རིན་ཐང་མེད།། འདོད་ཆགས་ལ་སོགས་དྲི་མ་བྲལ།། གཟུང་དང་འཛིན་པ་དང་བྲལ་བ།། དེ་བཞིན་ཉིད་ལ་བདག་ཕྱག་འཚལ།། ཨ་ཧོ་མ་ཧཱ་སུ་ཁཾ། དེ་ནས་ཚོགས་ཕུད་འབུལ་བ་ནི། ཞལ་ཟས་རོ་བརྒྱ༌སོགས་དང༌།ཨོཾ་གུ་རུ་ཙཀྲ་སཾ་བྷ་ར་བཛ྄་ཡོ་གི་ནི་བུདྡྷ་བོ་དྷི་ས་ཏྭ་ཌཱ་ཀི་ནི་མ་ཧཱ་ཀ་ལ་ཡ་ས་པ་རི་ཝ་ར་ཨ་ཀཱ་རོ༌སོགས་ཀྱིས་འབུལ། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲི།  ཕཻཾ་བཛ྄་ཨ་ར་ལླི་ཧོ། ཛཿཧཱུཾ་བཾ་ཧོཿ བཛ྄་ཌཱ་ཀི་ནིའ་ས་མ་ཡ་སྟྭཾ། དྲི་ཤ་ཧོ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས། བྷུ་ཏ་པྲེ་ཏ་པི་ཤ་ཙ་ཨུནྨན་ད་ཨ་པ་སྨྲ་ར། ཌཱ་ཀ་ཌཱ་ཀི་ན་ད་ཡ། ཨི་དཾ་བྷ་ལིཾ་གྲིཧྣནྟུ་ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མེ་པྲ་ཡཙྪཱནྟུ། ཡ་ཐཻ་བཾ། ཡ་ཐེ་ཥཾ། བྷཱུཉ་ཐ། བི་ཝ་ཐ། ཛི་ག་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀརྟ་ཡཾ། སད་ཁཾ། བི་ཤུདྡྷ། ས་ཧ་ཡིཀཱ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭ་ཧཱ། ཅེས་ལན་གསུམ་གྱིས་འབུལ། ཨོཾ་མཆོད་དོ།། དམན་པའི་ཡུལ་ལས་རབ་འདས་ཤིང༌།། རྒྱལ་བ་ཀུན་གྱི་དམ་ཚིག་གཙོ།། དངོས་གྲུབ་ཀུན་གྱི་གཞིར་གྱུར་བ།། བདུད་རྩི་མཆོག་གི་མཆོད་པར་བགྱི།། སྒྲིབ་པའི་དྲི་མ་ཀུན་སེལ་ཞིང༌།། རྟོག་པ་ཀུན་ལས་ངེས་གྲོལ་བ།། བླ་ན་མེད་པའི་བྱང་ཆུབ་སེམས།། བདེ་བ་ཆེན་པོས་མཉེས་གྱུར་ཅིག། དེ་ནས་རྣལ་འབྱོར་བ་རྣམས་ཁ་ཟས་ཀྱིས་ཚིམ་རྗེས་ཚོགས་ལྷག་བསྡུས་ལ། ཨ་མྲིཏས་བསངས། སྭ་བྷཱས་སྦྱངས། སྟོང་པའི་ངང་ལས་ཨཱ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ལྷག་མའི་གཏོར་མ་བཟང་ཞིང་རྒྱ་ཆེ་བ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲིའཿ ལན་གསུམ་དང༌། ཨ་ཀཱ་རོ་ ལན་གསུམ། ཕྱི་རོལ་སྒོ་དྲུང་ན་གནས་པའི་འབྱུང་བོ་འཚོལ་བའི་ཚོགས་དམ་ཚིག་གི་ཆོ་ག་ལ་ལྟ་བར་མི་དབང་བ་རྣམས་ལ་སྦྱིན་ནོ།། རྡོ་རྗེ་ཐེག་པ་ལ་གསང་བ་མཆོག་གི་སྒོར་སྤྱོད་པའི་བསྐལ་དང་ལྡན་པར་གྱུར་ཅིག ཨོཾ་ཨུ་ཙིཥ་བ་ལིཾ་ཏ་བྷ་ཀྵ་སི་སྭ་ཧཱ། ཨོཾ་སུམབྷ་ནི༌དང་། རྡོ་རྗེའི་གླུ་སོགས་བརྗོད། ཅེས་པ་བླ་མ་མཆོད་པའི་ཚོགས་མཆོད་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྦྱར་བའོ།། རྡོ་རྗེའི་གླུ་ནི། ཀཽལླ་ཨེ་རི་ཊ་ཋི། ཨཱ་བོ་ལ། མུམ་ཎེ་རི། ཀཀྐོ་ལ། གྷ་ཎཻ། ཌི་བྷི་ཌ་ཧོ། བཛྫ་ཨི། ཀ་རུ་ཎི་ཀ ཨ་ཨི། ཎ་རོ་ལ། ཏ་ཧིཾ་བྷཱ་ལ། ཁཛྫ་ཨི། ག་ཊེཾ་མ། ཨ་ན་བི་ཛ། ཨ་ཨི། ཧ་ལེ་ཀ་ལེན་ཛ་ར། པ་ནི་ཨ་ཨི། དུ་དྷུ་ར་བཛྫ་ཨ་ཨི། ཙ་ཨུ་ས་མ། ཀཙྪུ་རི། སིཧླཾ། ཀ་པུ་རི་ལ་ཨི། ཨ་ཨི། མ་ལ་ཨིནྡྷ་ན། ས་ལིཾ་ཛ། ཏ་ཧིཾ་བྷ་རུ། ཁ་ཨི་ཨ་ཨི། ཕྲེང་ཁ་ན། ཁ་ཊ་ཀ་རནྟེ། ཤུདྡྷ་ཨ་ཤུདྡྷ་ཎ་མ་ནི། ཨ་ཨི། ནི་རང་སུ་ཨཾ་ག ཙ་ཊ་ཝི། ཏ་ཧིཾ་ཛ། ས་ར་བཱ་པ་ནི། ཨ་ཨི། ཀུན་ཏུ་རུ། བ་ཌ་ཨི། ཌིཎི་མ། ཏ་ཧིཾ་ན་བཛྫ། ཨ་ཨི།  དགེའོ།།