ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་གསུང་འབུམ།

      Comments Off on ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་གསུང་འབུམ།

ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་གསུང་འབུམ།
མཛད་པ་པོ། ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག
པོད་དང་པོ།
བརྗོད་བྱ། རྗེ་ཉིད་ཀྱི་རང་རྣམ་དང་སྐུ་སྐྱེ་རིམ་བྱོན་གྱི་རྟོགས་བརྗོད།
སྤྱིའི་དེབ་ཨང་། 00351
སྡེ་ཚན། kgd-001
མ་ཡིག  སྣ་ཚོགས།
འཕྲུལ་དེབ་བཟོ་སྐྲུན་པ། བེ་རི་རིག་པའི་རྡོ་རྗེ།
ལོ་ཟླ་ཚེས། ༢༠༢༦ ཟླ་ ༡ ཚེས་ ༣༠་ཉིན།

པོད་དང་པོའི་ནང་། བརྩམས་ཆོས་མ་ལུས་པའི་སྔོན་དུ་འགྲོ་བའི་ཡི་གེ་སོགས་ཆོས་ཚན་བཞི། རྣམ་ཐར་གྱི་དཔེ་རྫི་སྔོན་རབས་རྗེ་དྲན་སོགས་རང་རྣམ་ཁག་བརྒྱད། པཎྜི་ཏ་འབར་བའི་གཙོ་བོའི་རྟོགས་པ་བརྗོད་པའི་ཡལ་འདབ་སོགས་ངོ་མཚར་བའི་སྐུ་སྐྱེ་བཅུ་གཅིག་གི་རྟོགས་བརྗོད། བསྟོད་ཚོགས་བཀྲ་ཤིས་ཡལ་འདབ། ངོ་མཚར་བཀྲ་ཤིས་ཀྱི་ཡབ་འདབ་བཅས་ཆོས་ཚན་ཉེར་ལྔ་བཞུགས།

ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེ་(༡༥༠༧-༡༥༦༦)ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས། མཁས་གྲུབ་ཀྱི་བླ་མ་དྲུག་ཅུ་ལྷག་བསྟེན་ནས། རྒྱལ་བསྟན་རིས་སུ་མ་ཆད་པར་ཐོས་བསམ་སྒོམ་པ་མཐར་ཕྱིན་མཛད་དེ། རིས་མེད་བསྟན་པའི་སྲོལ་བཟང་ཕྱེས། ཇོ་ནང་ཁྲིད་བརྒྱ་ཞེས་གྲགས་པ་བོད་ཀྱི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་གདམས་ཟབ་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་བཀའི་བསྡུ་བ་གསར་དུ་མཛད། ཇོ་ནང་ཁྲིད་བརྒྱའི་(འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་ཇོ་ནང་ཁྲིད་བརྒྱའི་རྒྱབ་ཆོས་སུ་གདམས་ངག་མཛོད་ཅེས་གྲགས་པ་པོད་ཆེན་བཅོ་བརྒྱད་ཅན་ཕྱོགས་བསྒྲིགས་མཛད།)བང་ཁྲིད་ལུང་གསུམ་གྱི་རྒྱུན་གྱིས་བོད་ཀྱི་ཆོས་བརྒྱུད་ཡོངས་རྫོགས་ཧྲིལ་གྱིས་ཁྱབ། བོད་དབུས་གཙང་གཉིས་ཀྱི་ཆེ་དགུ་ཡོངས་ཀྱིས་བླ་མར་བཀུར།

ཡེ་ཤེས་ཀྱི་མཁའ་འགྲོ་མ་ནཻ་གུ་མའི་ཞལ་གཟིགས། ཆོས་དྲུག་ཕྱག་ཆེན་ལམ་ཁྱེར་འཆི་མེད་མཁའ་སྤྱོད་དཀར་དམར་སོགས་རྫོགས་པར་ཞུས། “བདག་དང་ཡེ་ཤེས་མཁའ་འགྲོ་མའི་བར་བརྒྱུད་པ་གཞན་མི་དགོས་”གསུངས། དཔལ་ལྡན་ཤངས་པའི་ཆོས་བཀའ་ཡོངས་རྫོགས་ཀྱི་བདག་པོར་གྱུར། ཇོ་ནང་གི་གདན་ས་བ་མཛད་ནས་ཇོ་ནང་དུས་ཁྲིད་ཆེན་མོ་སོགས་ཆག་མེད་མཛད་དེ། ངེས་དོན་བསྟན་པའི་རྒྱལ་མཚན་དགུང་དུ་བསྒྲངས། མཁན་ཆེན་ཆེན་ལུང་རིགས་རྒྱ་མཚོ་དང་། བྲག་སྟོད་པ་ཆོས་སྐུ་ལྷ་དབང་གྲགས་པ། རྗེ་སྟག་ལུང་པ་ཆེན་པོ་སོགས་སློབ་ཆེན་མཐའ་ཡས། ཇོ་ནང་ཁྲིད་བརྒྱ་སོགས་རྨད་དུ་བྱུང་བའི་ལེགས་བཤད་པོད་ཆེན་བཅུ་ལྷག་བཞུགས།

ཕབ་ལེན།