Author Archives: རིག་མཛོད་རྩོམ་སྒྲིག་པ།

ཇོ་ནང་སྨོན་ལམ་ཆེན་མོ།

དཔལ་རྒྱལ་བ་ཇོ་ནང་པའི་རྡོར་གདན་སྨོན་ལམ་ཆེན་མོའི་ཆོས་བརྡ་གསལ་བསྒྲགས། དཔལ་རྒྱལ་བ་ཇོ་ནང་པའི་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་ཐེངས་བཅུ་གཅིག་པ་དེ་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༣༠ ནས་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༥ བར་ཉིན་གྲངས་བདུན་གྱི་རིང་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་གནང་རྒྱུ་ཐུགས་གཏན་འཁེལ་ཡོད་པ་ལགས་ན། རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཆོས་ཚོགས་ནང་བཞུགས་དཔལ་རྒྱལ་བ་ཇོ་ནང་པའི་མཁན་སྤྲུལ་སེར་སྐྱ་ཡོངས་ཀྱི་དབུས་རིས་མེད་བླ་གྲྭ་མི་མང་དང་། དད་སློབ་སྦྱིན་བདག་ཁག་བཅས་གོང་གསལ་དུས་ཚེས་ཐོག་ངེས་ཕེབས་ཡོང་བའི་གསལ་བསྒྲགས་སུ། དཔལ་རྒྱལ་བ་ཇོ་ནང་པའི་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུང་ཆར་གྱི་གོ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཞེས་ ༡ ལ།

བདེན་གཉིས་གསལ་བའི་མེ་ལོང་།

ཇོ་ནང་ལོ་ཙཱ་བློ་གྲོས་དཔལ།   ༄༅། །ཨོཾ་སྭཱ་སྟི། ལེགས་པར་གསུངས་པའི་གསུང་རབ་དམ་པའི་ཆོས། །ཞིབ་ཏུ་མྱ་ངན་འདས་ ན་ཁྱད་པར་འཕགས། །ཉམས་སུ་བླངས་པའི་འབྲས་བུ་ངོ་མཚར་ཅན། །མཚུངས་མེད་སྟོན་པའི་ཞབས་ལ་སྐྱབས་སུ་མཆི། །མང་ཐོས་བློ་མིག་སྦྱངས་པའི་ལོ་ཙྪ་བ། །སེམས་ཀྱི་དོན་མཐོང་ཆོས་ཀྱི་རི་མོ་འབྲི། །བདེན་གཉིས་ཟབ་མོའི་གཟུགས་ལ་སྲེད་ལྡན་ན། །དད་པའི་མེ་ལོང་བཟུང་ལ་ལེགས་པར་གཟིགས། །

བདེན་གཉིས་གསལ་བའི་མེ་ལོང་།

མཛད་པ་པོ།  ལོ་ཙཱ་བློ་གྲོས་དཔལ་བཟང་།  ༡༢༩༩-༡༣༥༣ བརྗོད་བྱ།   བདེན་པ་གཉིས་ཀྱི་རྣམ་གཞག དེབ་ཨང་།  ༡༣༩ འཕྲུལ་དེབ་བཟོ་སྐྲུན་པ།   བེ་རི་རིག་པའི་རྡོ་རྗེ། ལོ་ཟླ་ཚེས།  ཕྱི་ལོ།  ༢༠༡༢ ཟླ།  ༡༢ ཚེས།  ༡༦ ཕབ་ལེན་གནོངས།

སྔོན་འགྲོའི་ཁྲིད་ཡིག

མཛད་པ་པོ།  སྐྱབས་རྗེ་པདྨ་སྐལ་བཟང་།  ༡༩༤༣ བརྗོད་བྱ།   སྔོན་འགྲོ་འབུམ་ལྔའི་སྒོམ་ཁྲིད། དེབ་ཨང་།  ༡༣༨ འཕྲུལ་དེབ་འདི་བོད་ནས་འབྱོར་བ་ལྟར་འདིར་བཀོད། ལོ་ཟླ་ཚེས།  ཕྱི་ལོ།  ༢༠༡༢ ཟླ།  ༡༢ ཚེས།  ༡༥ ཕབ་ལེན་གནོངས།