Author Archives: རིག་མཛོད་རྩོམ་སྒྲིག་པ།

གཞི་བྱེས་གཉིས་ཀྱི་ཇོ་ནང་པ་ཚོར་འཕྲིན་ཞིག་བསྐུར་ཡོད།

གཞི་བྱེས་གཉིས་ཀྱི་ཇོ་ནང་པ་ཚོར་འཕྲིན་ཞིག་བསྐུར་ཡོད། དེ་ཡང་། ལང་ཀར་གཤེགས་པའི་མདོ་ལས། “མིང་དུ་གདགས་པར་མ་མཛད་ན།། འཇིག་རྟེན་ཐམས་ཅད་རྨོངས་པར་གྱུར།། དེ་བས་རྨོངས་པ་སེལ་བའི་ཕྱིར།། མགོན་པོས་མིང་དུ་བཏགས་པར་མཛད།།” ཅེས་གསུངས་པ་ལྟར། སྲིད་པ་འཁོར་བ་དང་ཞི་བ་མྱང་འདས་སམ། ཡང་ན་བརྟན་དང་གཡོ་བའི་དངོས་པོ་ཡོད་དོ་ཅོག་ལ་རང་རང་གི་ཁྱད་ཆོས་དང་། བཟོ་ལྟ། འབྱུང་ཁུངས་སོགས་ལ་བརྟེན་ནས་མིང་རེ་བཏགས་ཡོད་པ་བཞིན། ངེས་དོན་དབུ་མའི་ཤིང་རྟ། ཀུན་མཁྱེན་དོལ་པོ་སངས་རྒྱས་འཇིག་རྟེན་དུ་བྱོན་སྐབས། ཁོང་གི་མཚན་ལ་སངས་རྒྱས་ཞེས་ཇི་ལྟར་ཐོགས་ཚུལ་ལ། ཐོག་མར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་ལུང་གིས་བསྟན་ཚུལ་དང་། བར་དུ་སུས་བཏག་པ། ཐ་མར་ཡོངས་གྲགས་སུ་གྱུར་ཚུལ་དང་བཅས་གསུམ་ལས། 

ཚུལ་གཉིས་རྣམ་འབྱེད།

༄༅། །ཚུལ་གཉིས་རྣམ་པར་འབྱེད་པ་ངེས་པའི་དོན་གྱི་འཇུག་ངོགས་ཞེས་བྱ་བ་ཉུང་ངུ་རྣམ་གསལ་དག་ཅིང་ཚང་པ་བཞུགས་སོ། ། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད། ཨོཾ་སྭ་སྟི། སྐབས་ཀྱི་དགོངས་དོན་ལ། ཐེག་པ་ཆེན་པོ་ལ་ཚུལ་རྣམ་པ་གཉིས་ལས། རྣམ་འབྱོར་སྤྱོད་པའི་གཞུང་ལུགས༌། རྗེ་བཙུན་བྱམས་པ་མགོན་པོ་དང༌། འཕགས་པ་ཐོགས་མེད་སྐུ་མཆེད། ཕྱོགས་གླང་ཆོས་གྲགས་སོགས་རྣམ་རིག་སྨྲ་བའི་གཞུང་ལུགས་རྣམས་ཀྱི་གྲུབ་མཐའ་མདོ་སྡེ་དགོངས་པ་ངེས་འགྲེལ་སོགས་བཀའ་འཁོར་ལོ་ཐ་མའི་མདོ་སྡེ་རྣམས་ཀྱི་དགོངས་དོན་དང༌། དབུ་མ་ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་ལུགས། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རིག་ཚོགས་རྣམས་ཀྱི་དགོངས་པ། སངས་རྒྱས་བསྐྱངས་ལེགས་ལྡན་ཟླ་བ་གྲགས་པ་ལ་སོགས་པ་རྣམས་ཀྱི་བཞེད་པ་བཀའ་འཁོར་ལོ་བར་བའི་དངོས་བསྟན་གྱི་རིམ་པ་གཉིས་ལས།

དྲུག་བརྒྱ་དྲུག་ཅུའི་ཞལ་འདོན།

དྲུག་བརྒྱ་དྲུག་ཅུའི་ཞལ་འདོན། བརྗོད་བྱ། སྣ་ཚོགས། སྤྱིའི་དེབ་ཨང་། 00344 དེབ་ཨང་། 660-001 མ་ཕྱི། ཤིང་པར། འཕྲུལ་དེབ་བཟོ་མཁན། བེ་རི་རིག་པའི་རྡོ་རྗེ། ལོ་ཟླ་ཚེས། ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༨ ཕབ་ལེན་གནོངས།

གཞན་སྟོང་གི་ལྟ་གྲུབ་མདོར་བསྡུས་བརྗོད་པ།

རྩོམ་པ་པོ། སངས་རྒྱས་མཉན་པ་རིན་པོ་ཆེ། བརྗོད་བྱ། གཞན་སྟོང་དབུ་མ་ཆེན་པོ། སྤྱིའི་དེབ་ཨང་། 00343 དེབ་ཨང་། sn-002 མ་ཕྱི། དེབ་གཟུགས། ལོ་ཟླ་ཚེས། ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༡༦ ཕབས་ལེན་གནོངས།