ཆོས་ལུགས་སྐོར།

གསུམ་པའི་ཉེར་དྲུག་གི་སྔོན་གླེང་།

ངས་འདི་ནས་གླེང་འདོད་པ་ནི།  སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་འཚོགས་ཀྱི་ཚོགས་དུས་དགུ་བའི་ཐོག  དྲང་བདེན་མ་ཡིན་པའི་ཐག་ཆོད་ཅིག་བྱུང་བ་དེའི་མཇུག་འབྲས་སུ།  བོད་ཕྱི་ནང་གཉིས་ནས་སེམས་ཚོར་འདྲ་མིན་ཐོག་སྤེལ་བའི་རྩོམ་ཡིག་ཕྱོགས་བསྒྲིགས<<ཇོ་ནང་བའི་ཞི་འབོད>>ཅེས་པ་དེའི་སྐོར་ཡིན་མོད།  དེ་དང་ཁ་འབྲལ་ཐབས་མེད་པའི་འདས་ཟིན་པའི་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཀྱི་གླེགས་བམ་ཁྲོད་ན།  ཟླ་འོད་ལྟར་དཀར་ཆིལ་ལེར་ཡོད་ཅིང་།  སྤྱི་ཚོགས་ཀྱི་བཞུད་ལམ་ཐོག་ན།  ཉི་འོད་ལྟར་གསལ་ལྷམ་མེར་ཡོད་པའི་རྒྱལ་བ་ཇོ་ནང་བའི་དངོས་ཡོད་གནས་ཚུལ་ལ་ཕྱིར་དྲན་ཐེངས་ཤིག་མི་བྱེད་ཐབས་མེད་རེད།

ཆོས་བརྒྱུད་ཆེན་པོའི་ནང་གི་ཆེན་པོ།

བེ་རི་རིག་པའི་རྡོ་རྗེ།

དེ་རིང་ངས་ཉེ་ཆར་རྡོར་གདན་དུ་འཚོགས་པའི་རྒྱལ་བ་ཇོ་ནང་བའི་དམིགས་བསལ་ཚོགས་ཆེན་ཐེངས་བརྒྱད་པ་དང་འབྲེལ་བའི་སྐོར་ནས་ཅུང་ཟད་ཅིག་གླེང་དགོས་བྱུང་སོང་། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢ ཉིན།  རྒྱ་གར་རྡོ་རྗེ་གདན་དུ་འཚོགས་པའི་རྒྱལ་བ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་བརྒྱད་པའི་མཇུག་བསྡོམས་ཐོག  བོད་གཞུང་ཆོས་དོན་བཀའ་བློན་ཀརྨ་དགེ་ལེགས་མཆོག་ཆེད་ཕེབས་ཀྱིས།  གསུང་བཤད་གནང་སྐབས།  “ཇོ་ནང་པར་ཐོབ་ཐང་གཅིག་ཀྱང་མ་སྤྲད་པ་དང་། ཕྱིར་ཕུད་བཏང་བ་ཞིག་མིན་པས་གོ་ལོག་ཐེབས་རྒྱུ་མེད་”ཅེས་གསུངས།  འོ་ན།  ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་གི་ཐོག་མཐའ་བར་གསུམ་དུ།  བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་ཞེས་པ་ལས་རྒྱལ་བ་ཇོ་ནང་བའི་མཚན་ཟུར་ཙམ་ཡང་མེད་པ་དེ་ཐོབ་ཐང་སྤྲད་པ་ཡིན་ཟེར་རྒྱུ་ཡིན་ནམ། དེ་བཞིན་དུ་ཁྲིམས་ཡིག་དེའི་དོན་ཚན་གསུམ་པ།  ཁྲིམས་ཡིག་གི་ཁྱབ་ཚད་ཅེས་པར།  “བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལ་ཁྱབ་པ་ཡིན།”  ཞེས་ཁྱབ་བྱེད་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་གིས་ཁྱབ་བྱ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་མ་གཏོགས་ཇོ་ནང་ལ་མ་ཁྱབ་ཅེས་ཚིག་ཐག་བཅད་དེ་བཤད་ཡོད་པ་འདི་ཇོ་ནང་བོད་ཀྱི་ཆོས་གྲལ་ནས་ཕུད་པ་རེད་དམ་བཞག་པ་རེད།

ཇོ་ནང་བ་ངོ་ཤེས་པ།

རྩོམ་པ་པོ།  སྣ་མང་།

བརྗོད་བྱ།   ཇོ་ནང་ཆོས་བརྒྱུད་ཀྱི་ཐོབ་ཐང་སྐོར།

སྤྱིའི་དེབ་ཨང་། 00231

དེབ་ཨང་།  J-f001

མ་ཕྱི།  དེབ་གཟུགས། རྩི་ནང་དབྱིངས་རིགས་ཀྱིས་བསྡུ་སྒྲིག་བྱས་པ

འཕྲུལ་དེབ་བཟོ་སྐྲུན་པ། བེ་རི་རིག་པའི་རྡོ་རྗེ།

ལོ་ཟླ་ཚེས།  ཕྱི་ལོ།  ༢༠༡༥ ཟླ།  ༤ ཚེས། ༡༧

ཕབ་ལེན་གནོངས། རྩོམ་འཕྲོ་ཀློགས། »