ནང་པའི་གྲུབ་མཐའ་སོ་སོའི་མིང་འདོགས་ཀྱི་དཔྱད་པ།

བོད་དུ་དར་བའི་ནང་པའི་གྲུབ་མཐའ་སོ་སོའི་མིང་འདོགས་ཀྱི་དཔྱད་པ། ཚེ་ཏན་ཞབས་དྲུང་། བོད་དང་ཧོར་ཡུལ་དུ་དར་བའི་སངས་རྒྱས་བསྟན་པ་ལ་བླ་མའི་ཆོས་ལུགས་བླ་མ་ཀྱོ་ཞེས་འབོད་པ་མི་འཐད་པའི་ཚུལ། དེ་ཡང་བོད་རྒྱལ་ལྷ་ཐོ་ཐོ་རི་སྙན་བཙན་གྱི་སྐུ་རིང་ལ།ཡར་ཀླུང་ཁོག་གི་ཕོ་བྲང་ཡམ་བུ་བླ་སྒང་ངམ་ཡུམ་བུ་བླ་མཁར་དུ་མདོ་སྡེ་ཟ་མ་ཏོག་དང་། དཔང་སྐོང་ཕྱག་རྒྱ། མ་ཎི་ཡི་གེ་དྲུག་མ་སོགས་ཀྱི་གླེགས་བམ་ཕྱག་ཏུ་འབྱོར་བ་དེ་ལ་བརྟེན་ནས་བོད་རྒྱལ་དེའི་རིང་ལ་སངས་རྒྱས་ཀྱི་བསྟན་པའི་དབུ་བརྙེས་ཞེས་པའི་ཐ་སྙད་ཆགས། བོད་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་ཆོས་བློན་ཐོན་མི་སམྦྷོ་ཊས་ལྷ་སའི་ཕོ་བྲང་ཕ་བོང་ཁའི་སྐུ་མཁར་མ་རུ་ཞེས་བྱ་བར་བོད་ཡིག་གསར་དུ་བཟོས་ཏེ་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་བོད་སྐད་དུ་བསྒྱུར་བ་དེ་ལ་བརྟེན་ནས་བོད་རྒྱལ་དེའི་རིང་ལ་སངས་རྒྱས་བསྟན་པའི་སྲོལ་གཏོད་ཅེས་པའི་ཐ་སྙད་ཆགས། བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་མཁན་ཆེན་བོ་ངྷི་ས་ཏྭ་སྤྱན་དྲངས་ནས་སད་མི་མི་བདུན་རབ་ཏུ་བྱུང་ཞིང་སོ་ཐར་འདུལ་བའི་བསྟན་པ་སྤེལ། སློབ་དཔོན་པདྨ་འབྱུང་གནས་སྤྱན་དྲངས་ཏེ་རྗེ་འབངས་ཉེར་ལྔ་སོགས་ལ་གསང་སྔགས་ཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར། ཀ་ཅོག་ཞང་གསུམ་སོགས་ལོ་ཙྰ་པ་ཆེན་པོ་རྣམས་ཀྱིས་རྒྱལ་བའི་བཀའ་དང་དགོངས་ འགྲེལ་གྱི་བསྟན་བཅོས་མང་པོ་བོད་སྐད་དུ་བསྒྱུར་ནས་རྒྱལ་བའི་བསྟན་པ་ རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད་པ་དེ་ལ་བརྟེན་ནས་བོད་རྒྱལ་དེའི་རིང་ལ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་ཅེས་པའི་ཐ་སྙད་ཆགས་སོ། དེའི་རྗེས་སུ་མགོ་ལ་གླང་རྭ་སྐྱེས་ཤིང་ལྕེའི་ཁ་དོག་ནག་པོ་ཡིན་པར་བོད་ཀྱི་སྐྱེ་བོ་དམངས་ལ་སྒྲུང་གཏམ་དུ་གྲགས་པ་བོད་རྒྱལ་གླང་དར་མ་ཨུ་དུམ་བཙན་གྱིས་རང་གི་གཅུང་མངའ་བདག་ཁྲི་རལ་བ་ཅན་དགྲོངས་པའི་རྗེས་སུ་བོད་ཀྱི་འདུལ་བའི་བསྟན་པ་བསྣུབས་ནས་མི་ལོ་བདུན་ཅུ་ལྷག་ལོན་པ་དང་བཅས་དེའི་ཡན་ཆད་ལ་བསྟན་པ་སྔ་དར་ཞེས་པ་དང་། དེ་ནས་བསམ་ཡས་བཙད་པོ་མཚན་ལ་ཡེ་ཤེས་རྒྱལ་མཚན་ཡབ་སྲས་ཀྱི་རིང་ལ་དབུས་གཙང་གི་མི་བཅུ་མདོ་སྨད་དན་ཏིག་ཏུ་མངགས་ནས་བླ་ཆེན་པོ་དགོངས་པ་རབ་གསལ་གྱི་དྲུང་ནས་སོ་ཐར་གྱི་སྡོམ་རྒྱུན་བླངས་ཏེ་སླར་ཡང་དབུས་གཙང་དུ་བྱོན་འཕྲལ། བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་བསོས་ཞེས་པའི་དོན་དང་ལྡན་པའི་ཆེ་བརྗོད་ལྟར་ཡང་བསྐྱར་འདུལ་བའི་བསྟན་པ་སྤེལ་བ་ནས་བཟུང་བསྟན་པ་ཕྱི་དར་ཞེས་པའི་ཐ་སྙད་ཆགས་པ་ཡིན། དེ་ནས་སད་མི་མི་བདུན་རབ་ཏུ་བྱུང་བའི་དུས་ནས་བཟུང་ད་ལྟ་ལ་ཐུག་གི་བར་བོད་ཀྱི་དགེ་ཚུལ་སློང་གི་སྡོམ་ལྡན་ཚང་མས་སྟོན་པ་ཤྰཀྱ་ཐུབ་པའི་ན་བཟའ་དང་མཐུན་པར་ལུས་ཀྱི་སྟོད་ལ་སྣམ་ཕྲན་དང་གླེགས་བུ་དུ་མ་སྦྱར་བའི་སྣམ་སྦྱར་དང་། བླ་གོས། སྨད་ལ་མཐང་གོས་ཏེ་ཆོས་གོས་རྣམ་གསུམ་གསོལ་ཞིང་དེ་དག་གི་ཁ་དོག་ནི་དམར་པོ་དང་སེར་བོ་ངུར་སེར་སྨུག་པོ་བཙོད་མདོག་རྣམས་མ་གཏོགས་དཀར་པོ་དང་ནག་པོ་སྔོན་པོ་ལྗང་ཁུ་ཁྲ་བོ་སོགས་གྱོན་མི་རུང་བར་འདུལ་བའི་སྡེ་སྣོད་ལས་བཀས་བཅད་པ་ལྟར་ལག་ལེན་དུ་འདེབས་སོ།། རབ་ཏུ་མ་བྱུང་བའི་ཁྱིམ་པ་ཆོས་ལ་དད་པ་བྱེད་མཁན་རིགས་གཉིས་ཏེ་དགེ་བསྙེན་གྱི་སྡོམ་པ་དྲུག་པོ་གང་ཡང་རུང་བ་བླངས་པའི་ཁྱིམ་པ་དང་། དེ་ མ་བླངས་པའི་ཁྱིམ་པ་ཆོས་ལ་དད་པ་བྱེད་མཁན་ཏེ་རིགས་གཉིས་ཡོད།གྲངས་ཀའི་དབང་དུ་བཏང་ན་སྔ་མ་ནི་ཉུང་ཙམ་དང་། ཕྱི་མ་ནི་བོད་རིགས་ཀྱི་ཁྱིམ་པ་ཕོ་མོ་ཕལ་ཆེ་བ་ཡིན། དེའི་སྒྲུབ་བྱེད་ནི། བོད་ཀྱི་ན་གཞོན་ཕོ་མོ་སུ་ཡིན་ཡང་བསམ་ཤེས་པ་ནས་བཟུང་སྐྱབས་འགྲོ་དང་མ་ཎི་སྒྲོལ་མ་ཏྰ་རེ་རྣམས་མི་འདོན་མཁན་གཅིག་ཀྱང་མེད་པ་ལྟ་བུ་དང་། དེའི་ནང་ནས་ཀྱང་མ་ཎི་ཡི་གེ་དྲུག་མ་བྱིས་པ་ཚོ་ལའང་སློབ་མི་དགོས་པར་རང་ཤུགས་ཀྱིས་ལོབ་འགྲོ་བ་དང་། དད་པ་ལ་ཤུགས་ཆེ་ཆུང་ཡོད་པ་ཙམ་མ་གཏོགས་བོད་རིགས་ཀྱི་སྐྱེ་བ་བླངས་ཕན་ཆད་ངང་ངམ་ཤུགས་ཀྱིས་དཀོན་མཆོག་གསུམ་ལ་དད་པ་བྱེད་མཁན་ཞིག་ཡིན་ཙ་ན། བདེན་རྫུན་གྱི་མནའ་སྐྱེལ་བའི་སྐབས་སུ་དཀོན་མཆོག་གསུམ་ཞེས་པ་དང་། མཆོག་གསུམ་དཔང་། ཞེས་པ་དང་། ཡུམ་དུམ་པ་བཅུ་གཉིས།ཞེས་དང་།ཡུམ་དཔང་ཞེས་པ་སོགས་སྐྱེ་བོ་བྱིངས་ཀྱི་ཁ་ན་ལྷན་སྐྱེས་སུ་ཡོད་པ་ཡིན།
རྩོམ་འཕྲོ་ཀློགས། »

བོད་རྩིས་གཅིག་གྱུར་བྱེད་ཐབས།

བོད་རྩིས་གཅིག་གྱུར་བྱེད་ཐབས། རིག་པའི་རྡོ་རྗེ། ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་གྱི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་རང་དབང་གླེང་སྟེགས་ཀྱི་ལེ་ཚན་གཙོ་འཛིན་པ་སྟག་ལྷ་རྒྱལ་གྱིས་ཁ་པར་ཐོག་བཅར་འདྲི་གནང་བ། དྲི་བ།༽ དུས་འཁོར་སྐར་རྩིས་དང་རྒྱ་ནག་ཞིང་རྩིས་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་དམ། ལན།༽ སྤྱིར་བཤད་ལས་ཡོང་ན་ཧ་ལམ་འདྲ་བོ་ཡོད་པ་རེད། ཡིན་ན་ཡང་མི་འདྲ་ས་གཙོ་བོ་ཟླ་ལྷག་འདོན་སྟངས་དང་། དུས་གཟེར་བརྟག་ཐབས་རེད།  དཔེར་ན།   དུས་འཁོར་ལུགས་ལ།   མདའ་རོའི་ལྷག་མར་ཐིག་ཤར་ན།། མཐའ་རུ་བཤོལ་བྱུང་གཟུགས་ཤར་ན།། དབུས་སུ་ཟླ་བཤོལ་ཐོན་པ་ཡིན།།  ཞེས་གསུངས་པ་ལྟར། དུས་འཁོར་རང་ལུགས་ཀྱི་མདའ་འཕྲོའི་ཐོག་ནས་འདོན་གྱིན་ཡོད།   ཡིན་ན་ཡང་འདི་ལག་ལེན་བྱེད་མཁན་ཧ་ལམ་མེད།    དེ་བཞིན་དུས་གཟེར་རྣམས་ཁྱིམ་བཅུ་གཉིས་ཀྱི་ཐོག་ནས་ཐག་གཅོད་བྱེད་ཀྱི་ཡོད། རྒྱ་ནག་ཞིང་རྩིས་ལུགས་ལ་གསར་རྙིང་གཉིས་ཡོད་པའི་ལུགས་རྙིང་ལྟར་ན།  ཟླ་ལྷག་འདོན་སྟངས་གཉིས་ཡོད།  གཅིག ཞེ་བརྒྱད་ཞེ་དགུ་ཟླ་བ་བཤོལ།།  ཟེར་བ་ལྟར།  མདའ་ལྷག་གི་ཐོག་ནས་འདོན་གྱིན་ཡོད། འདི་དེང་སྐབས་བོད་དབུས་ལྷ་ས་དང་། བཙན་བྱོལ་བོད་མིའི་ཁྲོད་ནས་ལག་ལེན་བྱེད་ཀྱིན་ཡོད། གཉིས་པ། གནམ་སྟོང་དག་ལ་སྒང་ཤར་ན།། ཟླ་བ་དེ་ཉིད་བརྩེགས་པ་དང་།། སྒང་བྲལ་ཟླ་བ་ལྷག་པར་འདོད།།
རྩོམ་འཕྲོ་ཀློགས། »

བོད་ཀྱི་ལོ་གསར་སྐོར་ལས་འཕྲོས་པའི་གཏམ།

བོད་ཀྱི་ལོ་གསར་སྐོར་ལས་འཕྲོས་པའི་གཏམ། རིག་པའི་རྡོ་རྗེ། ༡༽བོད་ཀྱི་དུས་འཁོར་སྐར་རྩིས །ཕྱི་ལོ་ ༡༠༢༧ ལོར་དུས་འཁོར་བོད་དུ་དར་བ་ནས་བཟུང་།དུས་འཁོར་ལུགས་ཀྱི་སྐར་རྩིས་རིག་པའི་གཞུང་ལུགས་འདི་རྒྱ་ཆེར་དར་བ་རེད།ད་ལྟའི་ཆར་བོད་ཀྱི་ནང་ཆོས་ཟེར་བ་བཞིན་བོད་ཀྱི་སྐར་རྩིས་ཞེས་བོད་རང་གི་ལུགས་ཀྱི་སྐར་རྩིས་རིག་པའི་གཞུང་ལུགས་ཤིག་ཏུ་གྱུར་ཡོད།དེའི་ལུགས་ལ་ཁྱིམ་བཅུ་གཉིས་དང་།སྒྱུ་སྐར་ཉེར་བདུན། ཉི་ཟླར་སྒྲ་གཅན་འཇུག་ཚུལ། གཟའ་ལྔ།ཞག་གསུམ་སོགས་རྒྱས་པར་ཡོད་ཅིང་། ཟླ་ལྷག་འདོན་སྟངས་ཐད། མདའ་རོའི་ལྷག་མར་ཐིག་ཤར་ན།།མཐའ་རུ་བཤོལ་བྱུང་གཟུགས་ཤར་ན།། དབུས་སུ་ཟླ་བཤོལ་ཐོན་པ་ཡིན།། ཞེས་སོགས་གསུངས་པ་ལྟར།མདའ་ལྷག་སྟེ་ཟླ་བ་རེ་རེའི་མདའ་རོའི་ལྷག་མའི་ཐོག་ནས་ཟླ་ལྷག་འདོན་གྱིན་ཡོད་ལ།འདི་ལྷ་སའི་ཕྱོགས་ནས་ལན་ལེན་བྱེད་ཀྱིན་ཡོད།འོན་ཀྱང་ལྷ་སའི་ཕྱོགས་ནས་ཀྱང་རྒྱ་རྩིས་རྙིང་མའི་ལུགས་ཀྱི་དབུགས་སྒང་སོགས་ལེགས་ཆ་རྣམས་ཀྱིས་དུས་འཁོར་སྐར་རྩིས་ལ་ཁ་སྣོན་བྱས་མེད་པ་མིན་མོད། ལག་ལེན་གྱི་ཐོག་ནས་བོད་རང་གི་སྐར་རྩིས་གཙོ་བོར་གནང་གིན་ཡོད། དཔེར་ན་ཟླ་ལྷག་འདོན་སྟངས་ལྟ་བུ་རེད། འདི་ཤིན་ཏུ་ལེགས། ༢༽ རྒྱ་ནག་ཞིང་རྩིས། ༧གོང་ས་ལྔ་བའི་སྐབས་མེར་གེན་བཀའ་བཅུ་བ་ཟེར་བ་ཞིག་གིས།རྒྱ་ནག་ཞིང་རྩིས་བོད་བསྒྱུར་བྱས་པ་ནས་བཟུང་ད་ལྟའི་རྒྱ་རྩིས་འདི་བོད་ལ་དར་བ་རེད།རྩིས་འདི་གཙོ་བོ་ས་ཞིང་འདེབས་འཛུགས་ཀྱི་རྩིས་ཡིན་པས་ཞིང་རྩིས་ཟེར།འདི་ལ་ལུགས་གསར་དང་ལུགས་རྙིང་ཟེར་བ་གཉིས་ཡོད།ལུགས་གསར་ལུགས་ལ་ལོ་གཅིག་ལ་ཟླ་ ༡༢ཡོད་ཅིང་། ཟླ་དང་པོར་ཞག་ ༣༠ དང་ ༣༡ གང་རུང་ཡོད་ཅིང་། ཟླ་གཉིས་པར་ཞག་ ༢༨ དང་ ༢༩ལས་མེད། རྒྱུན་ལྡན་དུ་ལོ་གཅིག་ལ་ཞག་༣༦༥ ཡོད།
རྩོམ་འཕྲོ་ཀློགས། »

གཞན་སྟོང་གི་ལྟ་བ་ལ་དཔྱད་པ།

དཔལ་ཇོ་ནང་པའི་གྲུབ་མཐའི་བཞེད་དགོངས་ཁྱད་པར་ཅན དཔལ་འབར་རྡོ་རྗེ། དེ་ཡང་”གཞན་སྟོང་གི་ལྟ་བ”འདི་ཉིད་བོད་བརྒྱུད་ནང་བསྟན་དཔལ་ཇོ་ནང་པའི་གྲུབ་མཐའི་བཞེད་དགོངས་ཁྱད་པར་ཅན་ཞིག་ཡིན་ལ། ལྟ་བ་འདི་ཉིད་ལ་རང་གི་དམིགས་བསལ་རང་བཞིན་ཡོད་པས། བོད་ཀྱི་ནང་ཆོས་ལོ་རྒྱུས་ཐོག་ཏུ། ལྟ་བ་འདིའི་ཐད་ལ་བཤད་ཚུལ་སྣ་ཚོགས་ཅི་རིགས་བྱུང་བ་དང་། ཁ་ཅིག་གིས་ལྟ་བ་འདིར་འཐད་པས་བསྟོད་ཅིང་། ཡང་འགའ་ཞིག་གིས་མི་འཐད་པས་སྨད་པར་བགྱིས་པས། འགལ་བ་ལྟག་སྤྲོད་ཏུ་བཞེད་པའི་ལྟ་བ་རིགས་མི་མཐུན་པ་གཉིས་ཆགས་ཡོད་པ་རེད། ཁ་ཅིག་གི་བཞེད་སྲོལ་ལ། “གཞན་སྟོང་གི་ལྟ་བར”རྒྱ་གར་གྱི་ཆོས་གཞུང་གི་ཁུངས་ལུང་མེད་པས་ཕྱི་རོལ་མུ་སྟེགས་པའི་ལྟ་བ་རང་དུ་འདུག་ཟེར་ལ། ཡང་ཁ་ཅིག་གིས་ལྟ་བ་འདི་ཉིད་ལ་རྒྱ་གཞུང་བཀའ་བསྟན་གྱི་ཁུངས་ཡང་དག་ལྡན་པ་དང་བོད་བརྒྱུད་ནང་བསྟན་གྲུབ་མཐའ་ཁག་མང་ཆེ་ཤོས་ཀྱི་རྩ་བའི་བཞེད་དགོངས་དང་ཡང་མཐུན་པར་འདོད་དོ།། དེ་ལྟ་ལགས་ན། ཆུ་མགོ་དེད་ན་གངས་དང་རྩ་བ་བསློག་ན་ཕུག་གི་དཔེ་ལྟར། གོ་བ་ཕྱིན་ཅི་མ་ལོག་པར་ལྟ་བ་འདིར་ངེས་ཤེས་འདྲེན་པ་དང་སྒྲོ་འདོགས་ཁོ་ཐག་གཅོད་རྒྱུ་ཤིན་ཏུ་ནས་གལ་ཆེ་སྟེ། གོང་གི་བཞེད་སྲོལ་འདི་གཉིས་ལས་གང་ཞིག་བདེན་ལ་གང་ཞིག་རྫུན་ཡིན་པའི་སྐོར་ལ། གཤམ་དུ་ཁོ་བོས་རྒྱ་གཞུང་བཀའ་བསྟན་ལ་ཁུངས་གཏུགས་ཏེ་གཞན་སྟོང་གི་ལྟ་བ་འདིའི་ཆགས་རིམ་གྱི་ཕུག་རྩ་འདེད་རྒྱུ་ཡིན། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན﹙༡༢༩༠—༡༣༦༩﹚ཁོང་ཉིད་ཇོ་ནང་པའི་གྲུབ་མཐའི་ཤིང་རྟའི་སྲོལ་འབྱེད་མཁན་ཡིན་པ་དང་། ཁོང་གིས་མཛད་པའི་《ཇོ་ནང་རི་ཆོས་ངེས་དོན་རྒྱ་མཚོ》ནི་བོད་བརྒྱུད་ནང་བསྟན་དཔལ་ཇོ་ནང་པའི་གྲུབ་མཐའི་ལྟ་དགོངས་གསལ་བར་སྟོན་པའི་བསྟན་བཅོས་ཤིག་དང་། བོད་བརྒྱུད་ནང་བསྟན་ལོ་རྒྱུས་ཐོག་ཀུན་གྱིས་ཡོངས་གྲགས་སུ་ཁས་ལེན་པའི་གཞན་སྟོང་སྐོར་གྱི་བརྩམས་གཞུང་ཞིག་ཀྱང་ཡིན། གཞུང་འདིའི་ཁག་གཉིས་པ་སྟེ། བསླབ་པ“ལམ”གྱི་སྐབས་སུ། 《མྱང་འདས་ཆེན་མོའི་མདོ》﹙《涅槃经》དང་། 《སོར་ཕྲེང་གི་མདོ》﹙《央掘魔罗经》﹚《ལང་ཀར་གཤེགས་པའི་མདོ》《楞伽经》《སངས་རྒྱས་ཀྱི་ངོ་བོ་…..བཤད་པ》《佛性化》རྒྱ་ཡིག﹚《དབུ་མ་མདོ་སྡེ་རྒྱན》﹙《大乘庄严经论》﹚《ཕར་ཕྱིན་གྱི་མདོ》﹙《般若经》﹚སོགས་བཀའ་དང་བསྟན་བཅོས་ལས་ཁུངས་བཙུན་པའི་ལུང་གང་མང་དྲངས་ཐོག རིགས་པ་ཡང་དག་གིས་ཟབ་དོན་ཆོས་ཀྱི་གནས་ལུགས་ལ་བརྟག་ཅིང་དཔྱད་པ་དང་། ཚིག་དོན་སྔ་ཕྱི་གུང་བསྒྲིགས་ཀྱིས་གཤིབ་བསྡུར་དང་། མ་དཔེ་གཙོ་བོར་བློ་གཟུ་བོས་འཇུག་པ་དང་འབེལ་གཏམ་ལུང་གི་སྙིང་པོ་སོར་འཇོག་བགྱིས་པ་བཅས་ཀྱི་རྨང་གཞི་ཐོག“གཞན་སྟོང་གི་ལྟ་བར”མ་ལག་ཚང་ཞིང་དོན་གྱི་གནད་འབིགས་པའི་དཔྱད་པ་གཏིང་ཟབ་མོ་བཏང་གནང་གནང་འདུག་པས་ན། འདི་ནི་གཞུང་འདིའི་སྙིང་པོ་སྲོག་ཤིང་ལྟ་བུ་ཡིན་ལ། རང་ལུགས་བཞག་པ་དང་གཞན་ལུགས་དགག་པའི་ལྟ་བ་ཆེས་གྱ་ནོམ་པ་དང་རིག་གཞུང་ཞིབ་འཇུག་གི་རིན་ཐང་ཆེས་ཆེར་ལྡན་པ་གནས་ཀྱང་ཡིན། ཁོ་བོའི་འདོད་ཚུལ་ལ།
རྩོམ་འཕྲོ་ཀློགས། »