མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ། ༡༥༧༥–༡༦༣༤
བརྗོད་བྱ། རྒྱལ་དང་རྒྱལ་སྲས་ལ་བསྟོད་པ།
སྤྱིའི་དེབ་ཨང་། 00362
སྡེ་ཚན། kr-002
མ་ཕྱི། ཡིག་རྙིང་དབུ་མེད་་ལག་བྲིས་དཔེ་དཀོན།
འཕྲུལ་དེབ་བཟོ་སྐྲུན་པ། བེ་རི་རིག་པའི་རྡོ་རྗེ།
ལོ་ཟླ་ཚེས། ཕྱི་ལོ། ༢༠༢༦ ཟླ་ ༣ ཚེས་ ༡༦ ཉིན།
འཕྲུལ་དེབ་འདི་ནི། རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས། གྲུབ་ཆེན་བུདྡྷ་གུཔྟ་ནཱ་ཐའི་ཞལ་གསུང་རྩ་འཛིན་མཛད་ནས། རྒྱལ་བ་རྫོགས་པའི་སངས་བཅོམ་ལྡན་འདས་དང་། རྒྱལ་སྲས་རྗེ་བཙུན་འཇམ་པའི་དབྱངས། རྒྱལ་ཚབ་བྱམས་པ། ཨིནྡྲ་བྷུ་ཏཱི། འཕགས་པ་ཀླུ་སྒྲུབ་བཅས་རྒྱལ་སྲས་བཞི་དང་།
འཕགས་པ་ལྷ།འཕགས་པ་ཐོགས་མེད། ཀུན་མཁྱེན་དབྱིག་གཉེན། ཕྱོགས་ཀྱི་གླང་པོ། ཆོས་ཀྱི་གྲགས་པ། ཡོན་ཏན་འོད། ཤཱཀྱ་འོད། དཔའ་བོ་མ་ཁོལ། ལེགས་ལྡན་འབྱེད། ཞི་བ་འཚོ། ཟླ་བ་གྲགས་པ། ཙཎྜ་གོ་མི། ཀུན་དགའ་སྙིང་པོ། རིན་ཆེན་འབྱུང་གནས། ཨ་ཏི་ཤའམ་དཱི་པངྐ་ར། འཇིགས་མེད་འབྱུང་གནས་བཅས་ཏེ་འཇིག་རྟེན་གྱི་སྒྲོན་མེ་ཤིང་རྟ་ཆེན་པོ་བཅུ་དྲུག
བདེ་ཆེན་པདྨ་རྡོ་རྗེ་དང་། ས་ར་ཧ་པ། ཀླུ་ཡི་བྱང་ཆུབ། ཤ་བཱ་ར། ཞི་བའི་ལྷ། རྟ་མཆོག་ཞབས། ལྭ་བ་པ། ཨིནྡྲ་བྷཱུ་ཏི། ལཱུ་ཡི་པ། ཀུ་ཀུ་རཱི་པ། བི་རཱུ་པ། ལྕམ་ལཀྵྨཱི། གཎྜ་པ། ཌོམྦྷི་པ། ཛ་ལནྡྷ་ར། ཧ་རི་དཱར་ཏེ་གྲུབ་ཆེན་འཕགས་པའི་ས་ལ་བཞུགས་པ་བཅུ་དྲུག
ཏོག་རྩེ་པ། སངས་རྒྱས་ཡེ་ཤེས། གོ་རཀྵཀཧྣ་པ། ནཱ་རོ་ཏ་པ། མཻ་ཏྲི་པ་བཅས་རྣལ་འབྱོར་དབང་ཕྱུག་སྟེ་སྡོམ་པའི་རྒྱལ་བ་རྒྱལ་སྲས་སློབ་དཔོན་ཆེན་པོ་བཞི་བཅུ་རྩ་གསུམ་ལ་རྣམ་ཐར་གྱི་སྒོ་ནས་བསྟོད་པ་མཛད་པའི་རབ་བྱེད་ཅིག་ཡིན་ནོ།།
