ཇོ་ནང་ཆོས་སྤྱོད།

འཕགས་པ་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་ཞེས་བྱ་བ། ཐུབ་པའི་མཛད་པ་བཅུ་གཉིས་ལ་བསྟོད་པ་ཞེས་བྱ་བ། བཤེས་གཉེན་བསྟེན་ཚུལ་བླ་མ་ལྔ་བཅུ་བ་ཞེས་བྱ་བ། ཀུན་མཁྱེན་ཡབ་སྲས་ཀྱི་གསོལ་འདེབས་བར་ཆད་ལམ་སེལ་ཞེས་བྱ་བ། ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད། བློ་སྦྱོང་ཚིགས་བརྒྱད་མ། བཅོལ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་བོ་ཞེས་བྱ་བ། ཟབ་ལམ་སྦྱོར་དྲུག་བླ་མ་བརྒྱུད་པའི་གསོལ་འདེབས། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་སྔོན་འགྲོའི་ངག་འདོན་མཁའ་སྤྱོད་བགྲོད་པའི་ཐེམ་སྐས། ཤམྦྷ་ལའི་ཞིང་བཀོད་ཀྱི་བསྟོད་སྨོན། བླ་མའི་རྣལ་འབྱོར་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ། སྦྱོར་དྲུག་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་ཞེས་བྱ་བ། བླ་མ་མཆོད་པའི་ཆོ་ག་བདེ་ལེགས་རབ་རྒྱས་ཞེས་བྱ་བ། ཀུན་མཁྱེན་ཆེན་པོའི་གསོལ་འདེབས་རྒྱལ་མདུན་མ། ཀུན་མཁྱེན་ཡབ་སྲས་བཅུ་བཞིའི་གསོལ་འདེབས། རྗེ་བཙུན་ཏཱརནཱ་ཐའི་གསོལ་འདེབས་གསོལ་བདེ་ཆེན་ཟབ་གསལ་མ། རྩ་བའི་བླ་མའི་གསོལ་འདེབས་དངོས་གྲུབ་འབྱུང་གནས་ཞེས་བྱ་བ། རྒྱུན་བཤགས། རྩ་ལྟུང་བཤགས་པ། ྋརྒྱལ་བའི་ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་པའི་དབྱངས་སྙན་ཞེས་བྱ་བ། བླ་མ་མཆོད་པའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་ཞེས་བྱ་བ། རྗེ་བཙུན་མ་གཙོ་འཁོར་ལ་མཎྜལ་བཞི་ཡིས་མཆོད་པའི་ཐབས་གྲུབ་གཉིས་མྱུར་སྩོལ་ཞེས་བྱ་བ། རྗེ་བཙུན་འཕགས་མ་སྒྲོལ་མའི་ཉེར་བསྟོད་ཅེས་བྱ་བ། འཕགས་པ་ཕུང་བོ་གསུམ་པ་ཞེས་བྱ་བའི་མདོ། དུས་ཀྱི་འཁོར་ལོའི་བསྟོད་པའི་མངོན་རྟོགས་ཉེར་བསྡུས། དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོའི་སྙིང་པོ་ཞེས་བྱ་བ། དཔལ་གསང་བ་འདུས་པ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། དཔལ་འཁོར་ལོ་སྡོམ་པའི་རྩ་རྒྱུད། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་བོ་ཞེས་བྱ་བ།
རྩོམ་འཕྲོ་ཀློགས། »

དུས་འཁོར་འབྲོ་ལུགས་བླ་བརྒྱུད་གསོལ་འདེབས།

དཔལ་དུས་ཀྱི་འཁོར་ལོའ་རིམ་གཉིས་འབྲོ་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་རྡོ་རྗེ་འབེབས་པ་ཆེན་པོ་ཞེས་བྱ་བ། ཡོན་ཏན་རྒྱ་མཚོ། ༀ་ཨཱཿཧཱུྃ་ཧོཿཧཾ་ཀྵཿ །རྣམ་ཀུན་མཆོག་ལྡན་ཐིག་ལེ་སྟོང་པ་དྲུག །འགྱུར་མེད་བདེ་བ་སྟོང་ཆེན་ཡི་གེ་ལྔ། །སྙོམས་ཞུགས་འོད་གསལ་བདེ་གཤེགས་སྙིང་པོ་ལ། །གསོལ་བ་འདེབས་སོ་རྡོ་རྗེའི་ཡེ་ཤེས་སྩོལ། །ཐོག་མཐའ་དབུས་གནས་དུས་དང་ཡོན་ཏན་མེད། །སྐད་ཅིག་གཅིག་གིས་བྱང་ཆུབ་ཐམས་ཅད་མཁྱེན། །ཡེ་ཤེས་རྡོ་རྗེ་ཕྱག་རྒྱ་ཆེན་མོ་ལ། །གསོལ་བ་འདེབས་སོ །མཆོག་ཏུ་མི་འགྱུར་སྐྱེ་འཇིགས་སྤངས་པའི་བདེ། །རྣམ་པ་ལྔ་ཡིས་བྱང་ཆུབ་ཡེ་ཤེས་སྐུ། །ཐུགས་ཀྱི་རྡོ་རྗེ་དང་པོའ་སངས་རྒྱས་ལ། །གསོལ་བ། གཞོམ་མེད་སྒྲ་བརྙན་བདེན་དོན་བཅུ་གཉིས་པ། །རྣམ་པ་ཉི་ཤུས་བྱང་ཆུབ་ཉིན་མོར་བྱེད། །གསུང་གི་རྡོ་རྗེ་དུས་ཀྱི་འཁོར་ལོ་ལ། །གསོལ་བ །ཞི་བའི་གཟུགས་བརྙན་དེ་ཉིད་བཅུ་དྲུག་རིག །སྒྱུ་དྲྭས་བྱང་ཆུབ་པདྨ་འདབ་རྒྱས་སྤྱན། །སྐུ་ཡི་རྡོ་རྗེ་ཤཱཀྱ་ཐུབ་པ་ལ། །གསོལ་བ །རྡོ་རྗེ་ཟླ་བ་དྲི་མེད་འོད་བཟང་པོ། །ལྷ་དབང་གཟི་བརྗིད་ཟླ་བྱིན་ལྷའི་དབང་ ཕྱུག །སྣ་ཚོགས་གཟུགས་དང་ལྷ་ཡི་དབང་ལྡན་ལ། །གསོལ་བ །ས་བཅུའི་དབང་ཕྱུག་ཚོགས་ཀྱི་སྤྲུལ་པའི་སྐུ། །འཇམ་དཔལ་གྲགས་པ་པདྨ་དཀར་པོ་སོགས།
རྩོམ་འཕྲོ་ཀློགས། »

ཟབ་དོན་ཉེར་གཅིག་པ།

ཟབ་དོན་ཉེར་གཅིག ཏཱ་ར་ནཱ་ཐ། ༄༅།། ཨོཾ་སྭཱ་སྟི། ཟབ་མོ་གཟིགས་པ་རྣམས་ལ་ནི།། བཞེད་དགོངས་འགལ་བ་མི་སྲིད་སྙམ།། འོན་ཀྱང་གདུལ་བྱ་ཐ་དད་དང༌།། དགོས་པའི་དབང་གཟིགས་ཐ་དད་བསྙད།། བརྩོམ་པར་དམ་བཅའ། འདིར་ཆོས་རྗེ་ཀུན་མཁྱེན་ཆེན་པོ་རྟོན་བ་བཞི་ལྡན་དང༌། པཎྟི་ཏ་ཆེན་པོ་རྒྱལ་བ་ཤཱཀྱ་མཆོག་ལྡན་གཉིས། གཞན་སྟོང་དབུ་མའི་ལྟ་སྒོམ་གྱི་གནད་གཅིག་ཀྱང༌། གནས་སྐབས་ལྟ་བ་དེ་བཏན་ལ་འབེབས་པའི་སྐབས། གྲུབ་མཐའ་མི་འདྲ་བ་ཐན་ཐུན་མང་དག་ཡོད་པ་རྣམས་འདིར་ངོས་བཟུང་བར་བྱ་སྟེ། ༼༡༽བར་བ་དང་རིགས་ཚོགས་ཀྱི་བསྟན་དོན། དེ་ལ་ཤཱཀྱའི་མཚན་ཅན་ནི། ཐལ་རང་གི་ལྟ་བ་འདི་ཀུན་འཁོར་ལོ་བར་བ་དང༌། རིགས་ཚོགས་ཀྱི་དགོངས་དོན་འཐད་ལྡན་ཡིན་ཅིང༌། བར་བའི་དངོས་བསྟན་སྒྲ་ཇི་བཞིན་པ་ཡང་ཡིན། རིགས་ཚོགས་དང་འཁོར་ལོ་ཐ་མའི་དངོས་བསྟན་མི་མཐུན་པར་བཞེད་ལ། ཀུན་མཁྱེན་ཇོ་ནང་བ་ཆེན་པོ་ནི། ཐལ་རང་གི་ལྟ་བ་འདི་འཁོར་ལོ་བར་བ་དང་རིགས་ཚོགས་ཀྱི་དགོངས་པར་རློམ་པ་ཡིན་ཀྱང༌། དགོངས་པ་རྨ་མེད་པ་མ་ཡིན་ལ། རིགས་ཚོགས་དངོས་བསྟན་གྱི་ཚིག་ཕལ་ཆེར་ལ་འབྱོར་བ་ལྟར་སྣང་ཡང༌། མི་འབྱོར་པ་ཡང་མང་དུ་ཡོད་ལ། འཁོར་ལོ་བར་བའི་གཞུང་ཚིག་མང་བོས་གཞན་སྟོང་གསལ་བར་སྟོན་པས་འཁོར་ལོ་བར་བ་དང་རིགས་ཚོགས་ཀྱི་དངོས་བསྟན་སྒྲ་ཇི་བཞིན་པ་མ་ཡིན་ནོ།། དེ་ལ་འཁོར་ལོ་བར་བ་དང་རིགས་ཚོགས་ཀྱི་ཚིག་ཕལ་ཆེར་གྱི་དངོས་བསྟན་ནི། ཐལ་རང་དང་གཞན་སྟོང་གཉིས་ཀ་ལ་མི་འགལ་ཡང༌། རང་སྟོང་པར་གྲགས་པའི་ཐུན་མོང་མ་ཡིན་པའི་གྲུབ་མཐའི་ཁུངས་ལ་འདྲེན་པ་རྣམས་ནི། དེ་རྣམས་ཉིད་ལ་འཁྲུལ་གཞི་བྱུང་བ་ཡིན་གྱི།
རྩོམ་འཕྲོ་ཀློགས། »

པཎ་ཆེན་དང་ཟུར་མང་པ་རྣམ་གཉིས་ཀྱི་འབེལ་གཏམ།

པཎ་ཆེན་རིན་པོ་ཆེ་དང་ཟུར་མང་ཚེ་དབང་ཀུན་ཁྱབ་རྣམ་གཉིས་ཀྱིས་འབེལ་གཏམ་མཛད་ཚུལ། ཟུར་མང་ཚེ་དབང་ཀུན་ཁྱབ། ན་མོ་མཧཱ་སརྦ་ཛྙཱ་ན་དརྴདྷརྨཱ་ཀ་རཱ་ཡ།   རྒྱལ་བའི་རྒྱལ་ཚབ་རྗེ་བཙན་བྱམས་མགོན་རྗེ།  །རྒྱལ་བའི་དྲང་ངེས་འབྱེད་པར་ལུང་བསྟན་པའི། །འཕགས་པ་ཐོགས་མེད་རྒྱལ་བསྟན་གསལ་བྱེད་དུ།  །རྒྱལ་བས་ལུང་བསྟན་མཁས་མཆོག་དབྱིག་གི་གཉེན།  །རབ་དགེའི་སར་གནས་ཡོད་མེད་ཕྱོགས་འཇིག་པར།  །རྒྱལ་བས་ལུང་བསྟན་འཕགས་པ་ཀླུ་སྒྲུབ་དང༌།  །དེ་བཞིན་དཔལ་གྱི་མགུར་ནས་ལུང་བསྟན་པའི།  ། ཕྱོགས་གླིང་ཆོས་གྲགས་ཀུན་དགའ་སྙིང་པོ་དང༌།  །ཤནྟི་པ་དང་དགེ་སློང་འཚོ་བྱེད་སོགས།   །རྒྱལ་བསྟན་འཛིན་པའི་བཤེས་གཉེན་རྣམས་ལ་འདུད།།  དེ་ལ་འདིར།  རྒྱལ་བ་འོད་དཔག་མེད་མགོན་པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་བློ་བཟང་དཔལ་ལྡན་ཡེ་ཤེས་ཞེས་མཚན་བརྗོད་པར་དཀའ་བ་གང་དེའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་རྣམ་པར་བཞད་པའི་དྲུང་དུ།  ཁོ་བོ་མི་མཁས་ཤིང་མ་སྦྱངས་པའི་ངང་ཚུལ་ཅན་ཀརྨ་ཚེ་དབང་ཀུན་ཁྱབ་ཀྱིས།  ངེས་དོན་མཐར་ཐུག་གཞན་སྟོང་དབུ་མ་ཆེན་པོ་སོགས་ལས་བརྩམས་པའི་རང་གིས་གོ་ཚོད་ཀྱི་རྟོགས་པ་ཕུལ་བའི་སྐལ་བ་བཟང་པོ་ཐོབ་པར་དཀའ་བ་ཆེས་རྙེད་པ་དཀའ་བ་ཐོབ་པའི་ཚུལ་གྱིས་རྩ་བའི་ཚིག་ནི།  དེ་ཡང་བདེ་ཆེན་ཡངས་པ་ཅན་གྱི་གཙུག་ལག་ཁང་དུ་ཐུགས་མཉེས་གཤིན་བྱམས་པའི་རང་བཞིན་གྱི་འགགས་པ་མེད་པ་གསུང་གི་རྡོ་རྗེས་བཀའ་རྩལ་པ།  ཁྱེད་ཀྱིས་མདོ་སྔགས་ཀྱི་ཁྲིད་ཚུལ་གང་འདྲ་ཐོབ་ཐུགས་དམ་གང་ལ་བྱེད་ཅེས་གསུངས་པར།  ཁོ་བོས་ཀུན་མཁྱེན་སི་ཏུ་རིན་པོ་ཆེའི་དྲུང་ནས་མདོ་སྔགས་ཀྱི་ཁྲིད་རིམ་མང་དུ་ཐོབ་མོད།  ཉམས་སུ་ལེན་པ་ནི་ཆེར་མེད།  ཐུགས་དམ་ནི་སྔགས་རྙིང་མའི་ཕུར་བ་དང་རྭ་ལུགས་ཀྱི་འཇིགས་བྱེད་ལ་བག་ཆགས་འཇོག་ཁུལ་ལགས་ཞུས་པས།   དེ་ཁྱོད་ཀྱིས་རྒྱུད་ཀྱིས་བསྟན་པར་འདོད་དམ་མན་ངག་ལུགས་ཡིན་བཀའ་བརྩལ།  རྒྱུད་ཀྱིས་བསྟན་པར་འདོད་ཞུས།  དེ་ལྟར་ན་རྒྱུད་ཚིག་གང་གིས་སོ་བཀའ་བརྩལ་བ།  རྟོག་བདུན་བོད་ལ་འགྱུར་བདུན་ཙམ་ཡོད་མཆིས།   ཚིག་ལྷུག་གི་རྒྱ་དཔེ་ཡང་མཐོང༌།  ཚིགས་བཅད་མ་གཅིག་ཀྱང་ཡོད་པར་གསུངས་པ་ཐོས་པ།  འོན་ཀྱང་རྒྱུད་བློ་འཛིན་མ་བྱས་པས་ཚིགས་འདི་དང་འདིས་གཞུང་འདི་དང་འདི་བསྟན་ཏོ་ཞེས་ཞུ་བའི་སྤོབས་པ་མེད་ཞུས་པས། 
རྩོམ་འཕྲོ་ཀློགས། »