Category: གསུང་འབུམ།

ཏཱ་ར་ནཱ་ཐའི་གསུང་འབུམ།

མཛད་པ་པོ། རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ། བརྗོད་བྱ། མདོ་སྔགས་རིག་གནས་དང་བཅས་པ། སྤྱིའི་དེབ་ཨང་། 351 རྟག་བརྟན་པར་མ། པོད། ༡༧ བཞུགས། འཕྲུལ་དེབ་བཟོ་སྐྲུན་པ། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས། ཟླ་ཚེས། ༢༠༢༥ ཟླ་ ༡ ཚེས་ ༡༣ ཕབ་ལེན། PDF (DBRC)

ཀུན་སྤངས་ཆོས་གྲགས་དཔལ།

ཀུན་སྤངས་ཆོས་གྲགས་དཔལ་གྱི་གསུང་འབུམ། པོད་གཅིག  ཀུན་སྤངས་ཆོས་གྲགས་དཔལ་(༡༢༨༣-༡༣༦༣)ནི། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་རང་འདྲའི་སློབ་ཆེན་བཅུ་བཞིའི་གཙོ་གྲས་ཤིག་ཡིན་ལ། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་སྤྲུལ་བར་གྲགས། ལོ་བཅུ་གཉིས་རིང་ཀུན་མཁྱེན་ཆེན་པོ་འབྲལ་མེད་དུ་བསྟེན་ནས་དུས་འཁོར་སོགས་ཆོས་ཚུལ་མཐའ་ཡས་པ་གསན། ཀུན་མཁྱེན་ཆེན་པོས་ཀྱང་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་ཆེ་བསྟོད་ཚད་མེད་མཛད། ཇོ་ནང་ལོ་ཙཱ་བློ་གྲོས་རྣམ་གཉིས་ཀྱིས་ཀུན་མཁྱེན་ཆེན་པོའི་བཀའ་ལྟར་དུས་འཁོར་རྒྱུད་འགྲེལ་ལ་འགྱུར་བཅོས་མཛད་སྐབས་དཔང་པོ་བཞུགས། རྣམ་ཐར་ཅུས་རྒྱས་པ་འདིར་གཟིགས།  

ཀུན་མཁྱེན་དོལ་པོ་སངས་རྒྱས།

ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་བཀའ་འབུམ། པོད་ཆེན་དགུ་བཞུགས། འདིའི་ནང་དུ་དུས་འཁོར་མཆན་འགྲེལ་སོགས་མི་བཞུགས། ཀུན་མཁྱེན་དོལ་པོ་སངས་རྒྱས་(༡༢༩༢-༡༣༦༡)ནི། བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔའི་ཡ་གྱལ་རྒྱལ་བ་ཇོ་ནང་བའི་ཐུན་མིན་ལྟ་གྲུབ་གཞན་སྟོང་དབུ་མ་ཆེན་པོའི་ཤིང་རྟའི་སྲོལ་འབྱེད་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཕགས་པ་རྔ་བོ་ཆེ་ཆེན་པོའི་མདོ་སོགས་ནས་གསལ་བར་ལུང་བསྟན་པ་ལྟར། མངའ་རིས་དོལ་པོ་ཀ་ཡོ་རི་ཞེས་གྲགས་པའི་གནས་ཆེན་དེར་སྐུ་འཁྲུངས། མཁས་བཙུན་ཡོན་ཏན་རྒྱ་མཚོ་སོགས་མཁས་གྲུབ་སུམ་ཅུ་ལྷག་བླ་མར་བརྟེན་ནས་ཐོས་བསམ་མཛད་ཅིང་། དབུས་གཙང་གཉིས་སུ་གྲྭ་སྐོར་མཛད་པས་ཀུན་མཁྱེན་ཞེས་གྲགས།

ཆོས་རྗེ་ཀུན་སྤངས་ཆེན་པོ།

ཆོས་རྗེ་ཀུན་སྤངས་ཆེན་པོའི་གསུང་འབུམ། ཀ ཁ  (Adarshah) ཀུན་སྤངས་ཆེན་ཐུགས་རྗེ་བརྩོན་འགྲུས་(༡༢༤༠-༡༣༡༣)ནི། རྒྱལ་བསྟན་སྤྱི་དང་བྱེ་བྲག་དུས་འཁོར་བསྟན་པའི་བདག་པོ་དང་། ཇོ་ནང་ཆོས་བརྒྱུད་ཀྱི་ཐོག་མའི་སྲོལ་འབྱེད་ཡིན། བོད་གཙང་སྟོད་བྱང་མདོག་གི་ངབ་ཕྱར་ཏེ། དེང་ངམ་རིང་རྫོང་ངབ་ཕྱར་གྲོང་ཚོར་སྐུ་འཁྲུངས་ཤིང་ཀུན་མཁྱེན་ཆོས་སྐུ་འོད་ཟེར་སོགས་བླ་མར་བརྟེན་ནས་ནང་བསྟན་མདོ་སྔགས་རིག་གནས་དང་བཅས་པར་སྦྱང་བརྩོན་མཛད་པ་མ་ཟད། བོད་དུ་འགྱུར་བའི་དུས་འཁོར་གྱི་ལུགས་སྲོལ་ཆེན་པོ་བཅུ་བདུན་པོར་ཐོས་བསམ་སྒོམ་པ་མཐར་ཕྱིན་མཛད། དགུང་གྲངས་ང་གཅིག་ཐོག་(༡༢༩༤)ལོར་རི་ཁྲོད་ཆེན་མོ་ཇོ་ནང་དུ་ཕེབས་ནས་དུས་འཁོར་གྱི་འཆད་ཉན་དང་ཉམས་ཁྲིད་རྒྱ་ཆེར་མཛད་ཅིང་། སློབ་ཚོགས་དཔག་ཏུ་མེད་པ་འདུས་པས་ཇོ་ནང་པ་ཞེས་ཡོངས་སུ་གྲགས།